གཉའ་ཁྲི་བཙན་པོ།
༦༥༽ བཙན་པོས་བདེན་སྙམ་ནས། ཁྱོད་ཀྱིས་ང་ལ་བསུ་བ་ཇི་ལྟར་བྱས་ཀྱང༌། དེ་རྗེས་ངེས་པར་འཐབ་རྒྱུར་ཡང་གྲ་སྒྲིག་བྱོས། ཞེས་བཀའ་ལན་བཏང༌།
༦༦༽ བཙན་པོའི་དམག་ཕྱིར་ལོག་པའི་ལམ་བར་གཙང་གི་མྱང་ཡུལ་དུ་སླེབས་པ་དང༌། ལོ་ངམ་གྱིས་སྒྲ་དང་རོལ་མོས་བསུ་བ་རྒྱ་ཆེན་པོ་བྱེད་པའི་ཚུལ་གྱིས་ལྐོག་མདའ་འཕངས་ནས་བཙན་པོ་བཀྲོངས།
༦༧༽ དེ་ནས་ཐལ་བ་རླུང་ལ་བསྐུར་ནས་ཕ་རོལ་དམག་མིའི་མཐོང་ལམ་བསྒྲིབས་ནས་འཐབ་པས་རྒྱལ་ཁ་ཐོབ།
༦༨༽ ལོ་ངམ་གྱིས་གྲི་གུམ་བཙན་པོའི་བཙུན་མོ་གཡོག་ཏུ་བཀོལ་ཅིང༌། སྲས་མོ་བཙན་གྱིས་ཆུང་མ་བྱས། རྒྱལ་ས་གཙང་དུ་བྱས་ནས་ལོ་བཅུ་གསུམ་ལ་སྲིད་བཟུང༌།
༦༩༽ ལོ་ངམ་གྱིས་ཡར་ཀླུང་གི་དབུས་ཀྱི་རྒྱལ་སྲིད་འཕྲོག་ན་ཡང༌། སྤུ་རྒྱལ་བཙན་པོ་རིམ་བྱོན་གྱི་དབང་འོག་ཏུ་ཡོད་པའི་མཐའི་རྒྱལ་ཕྲན་མང་པོས་རང་ཁོངས་བསྲུངས། ལྷག་པར་རྒྱལ་སྲས་གསུམ་པོ་ཡུལ་བྱོལ་དུ་ཕེབས་ཐུབ་པ་བྱུང༌།